11831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོར་སྡུད
Tibetan Definition <པྲ་ཏྱཱ་ཧ་ར> 1 ནང་དུ་སྡུད་པ་སྟེ་དབང་ཤེས་ཡུལ་ལ་འཕྲོ་རུ་མི་འཇུག་པའི་དོན་ལ་བཤད། 2 སོར་སྡུད་ནི། རྗེས་ཐོབ་ཏུ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ན་བདེ་སྟོང་གིས་རྒྱས་བཏབ་ནས་ལོངས་སྤྱོད་པའི་ལུས་དབེན་ནོ། །སྒྲ་བཤད་ནི། སོར་ཞེས་པ་སོ་སོ་སྟེ་ཡང་ཡང་གི་དོན་ཡིན་ལ། (བོད་སྐད་ཀྱི་སོར་སྡུད་ཀྱི་སྡུད་པ་ལེན་པ་ལ་འཇུག་པ་ཡོད་ཅིང་། སོ་སོ་ཡང་ཡང་གི་དོན་ལ་འཇུག་པ་མེད་ཀྱང་སྐད་དོད་ལ་ཡོད་པ་མི་འགལ་ལོ། །ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ལས་གསུངས) སྡུད་ཅེས་པ་ནི་ལེན་པ་སྟེ། ཁྲལ་བླངས་པ་ལ་ཁྲལ་བསྡུས་ཞེས་པ་ལྟ་བུ་སྟེ། དབང་པོས་ཡུལ་ལྔ་བདེ་སྟོང་གི་རྣམ་འགྱུར་དུ་འཆར་བའི་སྒོ་ནས་ཡང་ཡང་ལོངས་སྤྱོད་པས་ན་སོར་སྡུད་ཅེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས། གཞན་ཡང་རྗེའི་རིམ་ལྔ་གསལ་སྒྲོན་ལས། དང་པོར་སོར་སྡུད་ཀྱི་སྐབས་སུ་ཡུལ་དབང་སོགས་ཀྱི་ཆོས་རྣམས་བདེ་སྟོང་གི་རྣམ་འགྱུར་དུ་ལྟ་བ་ལ་བསླབས། དེ་བརྟན་པ་ན་བདེ་སྟོང་གི་རྣམ་འགྱུར་ལྷར་འཆར་བའི་བསམ་གཏན་ལ་བསླབ་བོ། །ཞེས་གསུངས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་༢༣༣ལས། སོར་སྡུད་ཅེས་པའི་དོན་ནི། མདོར་ན་ཐ་མལ་གྱི་སྣང་བ་ལ་སེམས་བསྡུས་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ནོ། །ཞེས་སོགས་གསུངས་སོ། །