11859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་པ
Tibetan Definition 2 འདི་ཟེར་བའི་དོན་ཡིན་ཀྱང་། མ་རངས་པ་དང་ཟུར་ཟའི་ཚིག་ཏུ་བེད་སྤྱོད་བྱེད། རྗེ་མི་ལའི་རྣམ་མགུར་ལས། (ཉ་མའི་བུ་མོ་གཞོན་ནུ་མ་ལྔས་རྗེ་བཙུན་ལ་ཟུར་ཟ་དང་བཅས་མགྲིན་གཅིག་ཏུ་འདི་ལྟར) གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་སླེབས་ཙ་ན། །རི་མགོ་ཁ་བས་གཏུམས་པ་ཅིག །ཅེས་སོགས་གསུངས་པ་ལྟ་བུ།