11875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐར་ཁུང
Tibetan Definition སྒེའུ་ཁུང་གི་མིང་གཞན། སྒྲ་བཤད་ནི། འདི་ལ་དཀར་ཁུང་ཞེས་བརྗོད་དགོས་པ་ལས་སྐར་ཁུང་ཞེས་བརྗོད་པ་ཅི་ཡིན་སྙམ་ན། དེ་ནི་དམ་ཆོས་འདུལ་བའི་ནང་སྐར་ཚོད་ལྟ་བའི་རེའུ་མིག་བཞག་པ་ལས་བཏགས་པའི་བརྡ་ཆད་ཅིག་ཡིན་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་བཤད་པ་ལྟར་རོ། །མིང་གི་རྣམ་གྲངས་ལ་དྲ་མིག ཁོལ་མ། དཀར་གསལ། མུན་དཀར། བ་ལང་མིག གླང་མིག རླུང་སྒོ་བཅས་སོ། །འདི་ལ་དཀར་གསལ་དང་མུན་དཀར་ཟེར་བ་དང་བསྟུན་ན་དས་འཕུལ་ཐོབ་པར་སྣང་ཡང་།