From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐལ་བ
|
Tibetan Definition
|
2 དབང་པོ་དང་ཡོན་ཏན། རང་དང་སྐལ་མཉམ་ཞེས་པ་ལྟ་བུ། གཞན་ཡང་། སྐལ་བ་ཞེས་པ་དབང་པོ་ལ་འཇུག་པ་ནི། རྗེའི་འགྲེལ་པ་བཞི་སྦྲགས་ལས། སྐལ་ངན་ཏེ་དབང་པོ་དམན་པ། ཞེས་གསུངས། ཡོན་ཏན་ནམ་ཕུན་སུམ་ཚོགས་པ་ལ་འཇུག་པ་ནི། རྗེའི་འགྲེལ་པ་བཞི་སྦྲགས་ལས། སམྦུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་ཕུན་སུམ་ཚོགས་པ་དྲུག་ལ་སྐལ་བར་གསུངས་ཤིང་། ཞེས་གསུངས་པ་ལྟར་རོ། །
|