11893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་བཟང་སྐྱེ་བོ
Tibetan Definition (གསང་སྔགས) རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་མཆོག་རིན་པོ་ཆེ་ལྟ་བུའི་གང་ཟག་གི་མིང་། རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལ། ཨུཏྤལ་ལྟ་བུ་གང་ཟག པད་དཀར་ལྟ་བུ་གང་ཟག པདྨ་ལྟ་བུའི་གང་ཟག ཙནྡན་ལྟ་བུ་གང་ཟག རིན་པོ་ཆེ་ལྟ་བུའི་གང་ཟག་དང་ལྔ་ཡོད། རྗེའི་གསང་འདུས་སྨོན་ལམ་ལས། ཐུན་མོང་ལམ་སྦྱོང་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པ་ཉིད་གྱུར་ཅིག །ཅེས་གསུངས་པ་ལྟ་བུ།