11896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་ལྡན
Tibetan Definition ཆོས་ཀྱི་སྐལ་བ་མ་ཆད་པར་ཐོབ་པའི་གང་ཟག་ལས་ཅན། བསོད་ནམས་དང་ལྡན་པའམ། ལས་འཕྲོ་ཅན་བཅས་ལ་ཟེར། ཞེས་རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་གྱི་ཞལ་ལུང་༣༥ན༦ལས། སྐལ་ལྡན་ནི་སྐལ་བ་མ་ཆད་པར་ཐོབ་པ་སྟེ། མཛོད་ལས། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་མི་ལྟ་བུར་སྐྱེས་ནས་ལོངས་སྤྱོད་སོགས་སྐལ་བ་མཉམ་པར་སོང་བ་ལ་སྐལ་མཉམ་ཟེར་བ་དང་། ཞེས་གསུངས། ཡང་། སྐྱེས་ཐོབ་ཀྱི་ཡོན་ཏན། རྒྱ་གར་གྱི་སློབ་དཔོན་བིདྱཱ་ཀ་ར་སིངྷས་མཛད་པའི་༼སྐྱེས་རབས་ཀྱི་རྒྱུད་ཀྱི་དཀའ་འགྲེལ༽ལས། སྐལ་བ་དང་ལྡན་པ་ནི་སྐྱེས་ཐོབ་ཀྱི་ཡོན་ཏན་ནོ། །ཡོན་ཏན་ཁྱད་པར་དུ་གྱུར་པ་ནི་སྦྱོར་བ་ལས་བྱུང་བའོ། །ཞེས་གསུངས།