11897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐས་ཀྱི་གདང་བུ
Tibetan Definition སྐས་ཀྱི་གདང་བུ་ལ་གོ་དོན་གཉིས་ཡོད་དེ། 1 སྐས་འཛེག་ladder གི་རྐང་པ་འཇོག་སའི་རྒྱུག་ཧྲིལ་ཕྲ་མོའི་ step མིང་ལ་གཙོ་ཆེར་འཇུག རྒྱུ་མཚན་དེ་ལ་བརྟེན་ནས་རྡོ་དང་ཤིང་ལེབ་ཀྱིས་བཟོས་པའི་སྐས་འཛེག་stairs གི་བང་རིམ་ step ལའང་སྐས་ཀྱི་གདང་བུ་ཞེས་མིང་ཐོགས་པར་སྙམ།  2 སྐས་འཛེག་stair གི་གཡས་གཡོན་གྱི་ལག་པ་འཇུ་སའི་ཤིང་རིང་པོ་ rail དེ་ལའང་སྐས་ཀྱི་གདང་བུ་ཟེར་ཏེ། རྒྱལ་རབས་སྦ་བཞེད་ཞབས་བཏགས་མ་༤༢ལས། སྟེང་དུ་འཛེག་པའི་གྲུ་སྐས་རྨང་རྡོ་ལ་བྱས། བར་སོ་ཕག་སྟེང་ཤིང་ལས་བྱས། འཇུས་པའི་གདང་བུ་བྱས་ཏེ་མི་འགུལ་བའི་ལྕགས་གཟེར་གདབ་བྱ་བ་ལ་སོགས་པ། ཞེས་གསུངས་ཤིང་། ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༣༤༣ལས། ལག་འཛིན་གྱི་གདང་བུ་ཞེས་སོགས་གོང་དང་འདྲ་བར་བཤད་དོ། །ཡང་སྤྱིར་བཏང་གདང་ཞེས་པ་འཕྲེད་ལ་འཐེན་ནས་གོས་འགེལ་སའི་ཐག་པ་ལ་གོས་གདང་ཟེར་བ་དང་། བྱང་ཁང་ནང་གི་བྱ་དེ་སྡོད་སའི་ཤིང་ཕྲ་ལ་རིང་བ་དེའི་མིང་ལ་བྱ་གདང་ཟེར་བ་དང་། འབྲོག་པས་ཕྱུགས་ཟོག་འདོགས་སའི་ཐག་པ་འཕྲེད་འཐེན་ལ་ཐག་གདང་ངམ་གདང་ཐག་ཟེར་བ་ (རྟ་གདང་། མཛོ་གདང་། ཞེས་པ་ལྟ་བུ) དང་། འདི་ལ་རྡང་ཞེས་འབྲི་ཚུལ་གཞན་ཡང་ཡོད། གདང་བུ་ཞེས་པའི་གདང་ནི། ཁ་གདང་ཞེས་པའི་གདང་དང་འབྲེལ་བ་ཡོད་པར་སེམས། གདང་ནི། ཕྱེ་བ་དང་། སྣར་བ། འཐེན་ནས་རིང་པོར་བྱེད་པ་བཅས་ལ་འཇུག་པར་སྙམ་མོ། །