11976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱབས་གསུམ་འཛིན་པའི་དགེ་བསྙེན
Tibetan Definition (འདུལ་བ) སྤང་བྱ་ལྔ་སྤོང་བའི་དགེ་བསྙེན་གྱི་སྡོམ་པ་མ་བླངས་ཀྱང་སྐྱབས་འགྲོ་ཙམ་རྒྱུད་ལ་སྐྱེས་པའི་སྒོ་ནས་ནང་པའི་བསྟན་པ་ལ་ཞུགས་པའི་གང་ཟག་ལ་ཟེར། མཚོ་ཊཱིཀ་ལས། སྡོམ་པ་མ་བླངས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་གནས་པའོ། །ཞེས་གསུངས་པ་ལྟར་རོ། །མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང༌། བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། །ཞེས་གསུངས་སོ། །མདོ་འདི་མཛོད་རང་འགྲེལ་དུ་དྲངས་སོ། །