11990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱི་གཡའ་བ
Tibetan Definition ཤིན་ཏུ་འཇིགས་ནས་ལུས་འདར་བ་དང་སྙིང་གཡུག་པ་དང་བ་སྤུ་ལྡང་བ་སོགས་ཀྱི་ཚོར་སྣང་ལ་ཟེར། དཔེར་ན་སྐྱུར་མོ་བཟོས་ན་ལུས་འདར་སིལ་ཤོར་བ་དང་ཆ་མཚུངས་པའི་ཚོར་སྣང་ཞིག རྗེའི་བྱམས་པའི་བསྟོད་ཆེན་ལས། དེ་ལྟར་མཐོང་བ་ལྟ་ཞོག་ཐོས་ན་ཡང་། །སྙིང་ལ་འཇིགས་སྐྱེད་སྐྱི་ནི་གཡའ་བ་ཡི། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་གྱི། །གཡང་ས་ཆེན་པོ་དག་ཏུ་ལྷུང་འགྱུར་བའི། །དམ་པས་སྨད་པའི་མི་བཟད་སྡིག་པའི་ལས། །ཞེས་གསུངས་པ་ལྟར་རོ། །