From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐྱིལ་ཀྲུང་ཕྱེད་པ
|
Tibetan Definition
|
2 རྐང་པ་གཡོན་པ་བཀན་པའི་སོར་མོ་རྣམས་གཡས་པའི་བརླ་ལ་མ་རེག་ཙམ་གྱི་ངང་ནས་གཡས་པ་འགྱིང་སྟབས་སུ་བརྐྱང་བ་ནི་སྐྱིལ་ཀྲུང་ཕྱེད་པ་ཞེས་བྱའོ། །ཤེས་བྱ་ཀུན་ཁྱབ་མཛོད་དེབ་དང་པོ་༢༥༨ལས། གཡོན་པ་བཀན་པའི་སོར་མོ་རྣམས། །གཡས་པའི་བརླ་ལ་མ་རེག་ཙམ། །གཡས་པ་འགྱིང་སྟབས་བརྐྱང་བ་ནི། །སྐྱིལ་ཀྲུང་ཕྱེད་པ་ཞེས་བྱའོ། །ཞེས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐྱིལ་ཀྲུང་ཕྱེད་པ་ནི། རྐང་པ་གཡས་བསྐུམས་ཤིང་། གཡས་ཅུང་ཟད་བརྐྱངས་པ་སྟེ། སེམས་དཔའི་སྐྱིལ་ཀྲུང་ཡང་ཟེར། ཞེས་གསུངས་སོ། །
|