12025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བ་གཅོད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་བཅུ་གཅིག་པ་ནི། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་རུང་བའི་ཆོས་དང་མ་འབྲེལ་བར་ཉམས་འདུན་གྱིས་རང་ངམ་བསྐོས་པས་ཉམས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །སྐྱེ་བ་གཅོད་པའི་ལྟུང་བྱེད་དང་། སོ་བོན་སྐྱེ་འཇིག་གི་ལྟུང་བྱེད། སོ་བོན་འཇོམས་པའི་ལྟུང་བྱེད་རྣམས་དོན་གཅིག་ཡིན། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་རྩ་སྔོན་པོ་བརྔ་ཞིང་བརྔར་འཇུག་པ་ལ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་བཅས་ཤིང་། དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །མཚོ་ཊཱིཀ་ལྟར་རོ། །སྐྱེ་བ་གཅོད་པའི་ལྟུང་བྱེད་དང་ས་བོན་འཇོམས་པའི་ལྟུང་བྱེད་གཉིས་ལོགས་སུ་མི་དྲང་བར་གྲངས་གཅིག་ཏུ་འདྲེན་པ་ཡིན་ཏེ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་ལས། ཁོ་ན་རེ། དགེ་ཚུལ་གྱི་ཤིང་གཅོད་པ་དང་ས་བོན་འཇོམས་པ་གཉིས་གཅིག་ཏུ་འདྲེན་རིགས་ཀྱི་སོ་སོར་འདྲེན་མི་རིགས་ཏེ། དགེ་སློང་གི་ཤིང་གཅོད་པ་དང་ས་བོན་འཇོམས་པ་གཉིས་འབའ་ཞིག་པ་དགུ་བཅུའི་ནང་དུ་གྲངས་འཛིན་གཅིག་ཏུ་འདྲེན་པའི་ཕྱིར་ན་མ་ཁྱབ་སྟེ། དགེ་སློང་མས་ཤིང་བཅད་ན་བཤགས་བྱའི་ཉེས་བྱས་དང༌། ས་བོན་བཅོམ་ན་ལྟུང་བྱེད་དུ་འགྱུར་བའི་རིམ་པ་དང་བསྟུན་ནས། དེ་གཉིས་ལྟུང་བ་སོ་སོར་བཤད་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། །