12033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར
Tibetan Definition ལོངས་སྐུ་གནས་གྱུར་ཏེ་སྤྲུལ་སྐུ་རྡོར་སེམས་སུ་བསྒོམ་པ་ལ་ཟེར། འཇིགས་བྱེད་ལྟ་བུ་ལ། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གནས་གྱུར་ཏེ། ཞལ་ཕྱག་ཡོངས་སུ་རྫོགས་པའི་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་ནས་བསྒོམ་པ་ལྟ་བུའོ། །འདི་ནི་གཞིའི་སྐྱེ་བ་སྦྱོང་བྱེད་དང་། འབྲས་བུའི་སྤྲུལ་སྐུ་འགྲུབ་བྱེད་དོ། །རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས། བསྐྱེད་རིམ་པའི་སྤྲུལ་སྐུས་སྐྱེ་བ་སྦྱོང་བའི་ཚུལ་ནི། ཐ་མལ་པ་ལ་སྐྱེ་བ་རང་དགའ་བ་འབྱུང་བའི་དོད་ལ། བསྐྱེད་རིམ་པའི་རྣལ་འབྱོར་པ་ལ་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་སྤྲུལ་སྐུ་འབྱུང་བ་ཡིན་ནོ། །དེས་རྫོགས་རིམ་གང་གིས་རྒྱུད་སྨིན་པར་བྱེད་པ་ནི། དབེན་པ་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་ཕུང་པོ་རྙིང་པ་ལ་ཞུགས་པའི་རགས་པའི་སྤྲུལ་སྐུ་དང༌། དག་མ་དག་གི་སྒྱུ་མའི་སྐུ་ཕུང་པོ་རྙིང་པ་ལ་ཞུགས་པའི་རགས་པའི་སྤྲུལ་སྐུ་རྣམས་ཀྱིས་རྒྱུད་སྨིན་པར་བྱེད་ཅིང༌། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་སྤྲུལ་སྐུ་འགྲུབ་པ་ཡིན་ནོ། །ཞེས་གསུངས།