12035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བའི་རྫོང
Tibetan Definition འཁོར་བའི་སྐྱེ་བ་འདི་ཤིན་ཏུ་མཐར་དཀའ་བའི་བྲང་རྫོང་འཇིགས་སུ་རུང་བའི་ཞིག་གི་གཟུགས་སུ་བཀོད་པའོ། །ཡང་ན། རྫོང་ནི་མཁར་རམ་ཁང་པའི་མིང་ཡིན་པས། ཤིན་ཏུ་ཐར་བར་དཀའ་བའི་མཁར་ཆེན་པོ་དག་གི་གཟུགས་སུ་བཀོད་པའོ། །དཔེར་ན་སྐྱེས་རབས་ལས། ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པ་ལྟ་བུ། རྗེའི་ལེགས་བཤད་གསེར་གྱི་ཕྲེང་བ་ལས། འདིར་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་མཐོ་ལ་བརླིང་བས་ངོས་ཀུན་ནས་བསྐོར་ཅིང། མ་རིག་པའི་མུན་པ་སྟུག་པོ་ཅན། ལྟ་བ་ངན་པ་སྣ་ཚོགས་པའི་འཁྲི་ཤིང་གིས་ཐར་བའི་ལམ་བསྒྲིབས་ལ། །ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་སྡུག་བསྔལ་གྱི་འབྲས་བུ་ཡིད་དུ་མི་འོང་བ་སྟེར་བས་དཀྲིགས་པ། སྲིད་པའི་ཆུ་ཀླུང་གི་འོབས་ཆེན་པོས་ཡོངས་སུ་འཁྱུད་པའི་འཁོར་བའི་འབྲོག་དགོན་པ་ཆེན་པོ། ཞེས་གསུངས་པ་ལྟ་བུ་ལ་གོ་དགོས་སོ། །