1204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞོན་ནུ་མ་ལེན
Tibetan Definition <ཀུ་མཱ་ར་ལཱི་ལ> མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པ་འགྲན་གྱི་དོ་མེད་པ་ཀུ་མཱ་ར་ལཱི་ལའམ་གཞོན་ནུ་རོལ་པ་ནི། དཔལ་ཆོས་ཀྱི་གྲགས་པས་ཕྱི་རོལ་པའི་གསང་ཚིག་སྦྱང་སའི་བྲམ་ཟེའི་སློབ་དཔོན་ཞིག་སྟེ། ཕྱིས་དཔལ་ཆོས་ཀྱི་གྲགས་པ་དང་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་ཕམ་སྟེ་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད། དེ་སྐོར་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༨༡དཔལ་ལྡན་ཆོས་གྲགས་ཀྱི་རྣམ་ཐར་ལོ་རྒྱུས་བཤད་པའི་སྐབས་ན་གསལ་བས་དེར་བལྟ་བར་བྱའོ། །གཞོན་ནུ་མ་ལེན་ཟེར་བ་མ་དག་པ་ཡིན། གཞོན་ནུ་རོལ་པ་ཟེར་དགོས་ཞེས་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་ཏེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། འདི་ལ་བོད་ན་གཞོན་ནུ་མ་ལེན་ཟེར་བ་ནི། ཀུ་མཱ་ར་ལཱི་ལ་ཞེས་པ་བསྒྱུར་མ་ཤེས་པའམ། ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ། །ཞེས་གསུངས་སོ། །