From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐྱེས་བུ
|
Tibetan Definition
|
<པུ་རུ་ཥ> 1 མི་སྤྱིའི་མིང་། ངེས་ཚིག་ནི། པུ་རུ་ཥ་ནི་ནུས་ལྡན་བྱ་བ་ཡིན། མི་ནི་འགྲོ་བ་གཞན་ལ་ལྟོས་ཏེ་རྟོག་དཔྱོད་ཀྱི་ནུས་པ་ཆེས་ཆེ་བས་ནུས་ལྡན་ཟེར་བ་ཡིན། དེ་ལ་འགྲེལ་བཤད་བྱེད་ཚུལ་གཞན་ཡང་ཡོད་དེ། མཉམ་མེད་དྭགས་པོ་ལྷ་རྗེའི་ལམ་རིམ་དྭགས་པོ་ཐར་རྒྱན་ལས། སྐྱེས་བུ་ནི་རྒྱ་གར་སྐད་དུ་ན། པུ་རུ་ཥ་བྱ་བ་ཡིན་ལ། པུ་རུ་ཥའི་སྒྲ་ནི་སྟོབས་སམ་ནུས་པ་ལ་འཇུག་སྟེ། དལ་འབྱོར་གྱི་ལུས་ལ་མངོན་མཐོ་དང་ངེས་ལེགས་བསྒྲུབ་པའི་སྟོབས་སམ་ནུས་པ་ཡོད་པས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །སྤྱོད་འཇུག་གི་ཟིན་བྲིས་ལས་ཤིག་ལས་ཀྱང་། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས་ཕྱི་མའི་དོན་བསྒྲུབ་པ་ལ་ནུས་པ་དང་ལྡན་པའི་དོན་ནོ། །ཞེས་གསུངས། སྐྱེས་བུ། ཡིད་ཀྱི་བུ། ཤེད་བུ། ཤེད་ལས་སྐྱེས། ཤེད་བདག་རྣམས་དོན་གཅིག 2 འདུལ་བ་ནས་བཤད་པའི་གྲིབ་ཚོད་འཇལ་བྱེད་ཀྱི་ཤིང་བུ་སོར་བཞི་པའི་ཐུར་མའམ། དེའི་གྲིབ་མ་སོར་བཞི་པ་ལ་ཟེར། དེ་ལྟ་བུའི་ཐུར་མ་དེ་ལ་ཡང་གྲིབ་ཚོད་དཔོག་པའི་ནུས་པ་དན་ལྡན་པས་སྐྱེས་བུ་ཞེས་བཏགས་པར་སེམས་སོ། །
|