12068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་བུ་ཆུང་ངུ
Tibetan Definition མངོན་མཐོ་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་ཞིང་དེ་འཐོབ་པའི་ཐབས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་སློབ་པའི་གང་ཟག་དེ་ལ། སྐྱེས་བུ་ཆུང་ངུའམ་སྐྱེས་བུ་ཐ་མ་ཞེས་བྱའོ། །ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་པ་དང་མཐུན་ནོ། །