From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐྱོ་སྔོགས་བྱེད་པའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་བཞི་པ། སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ལ་ངག་གིས་སྐྱོ་སྔོགས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །སྐྱོ་སྔོགས་ནི་སྔར་འཁོན་པའི་བར་སྐབས་ཞི་བ་སླར་སློང་བའོ། །རྩོད་པ་བཞི་ནི། ལྟུང་ཕྱིར་རྩོད་པ། འགྱེད་ཕྱིར་རྩོད་པ། མི་བསྡམས་པའི་ཕྱིར་རྩོད་པ། བྱ་བ་ལས་ཕྱིར་རྩོད་པ་དང་བཞིའོ། །སྒྲ་བཤད་ནི། སྐྱོ་ནི་སྐྱོར་གྱི་དོན་ཡིན་པས་སླར་ཡང་ཞེས་པའི་དོན་དང་། སྔོགས་ནི་སྔོག་འདྲུ་རྒྱག་པའི་དོན་ཏེ། ནད་རྙིང་སླར་ཡང་སློང་བའི་དོན་ནོ། །བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༡༣༥སོགས་སུ། སྐྱོར་སྔོགས་ཞེས་གསལ་བ་དེར་གོ་རྒྱུ་འདུག་སྙམ་སྟེ། སྐྱོར་ནི་ཡང་བསྐྱར་རམ་སླར་ཡང་གི་དོན་ཡིན་ལ། སྔོགས་ནི་སྔོག་འདྲུ་རྒྱག་པའི་དོན་ཡིན་པས་ཤིན་ཏུ་འབྱོར་རོ། །
|