12134

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོ་གླེགས
Tibetan Definition (འདུལ་བ) སྒོ་དང་སྒེའུ་ཁུང་གི་སྒྲོམ་གཞིའི་སྤང་ལེབ་ཀྱི་མིང་ཡིན། འདི་ལ་སྒོ་ལེབ་ཡང་ཟེར། སྒོའི་མེ་ལོང་ཡང་ཟེར། གླེགས་དང་ལེབ་གཉིས་དོན་གཅིག་ཡིན། གླེགས་ཤིང་ཞེས་པའང་ཤིང་ལེབ་ལ་ཟེར་བ་ཡིན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སྒོ་གླེགས་ཞེས་བྱ་བ་ནི་སྤང་ལེབ་ཅེས་བྱ་བའི་ཤིང་སྟེ། དེས་སྒོ་དང་སྐར་ཁུང་གཅོད་པར་བྱེད་པའོ། །ཞེས་དང་། རང་གི་རྣམ་བཤད་ལས་ཀྱང་། སྒོ་གླེགས་ཞེས་བྱ་བ་ནི་སྒོ་ལེབ་ལ་བྱ་སྟེ། ཞེས་གསུངས་སོ། །