12173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་རིམ་གསུམ
Tibetan Definition རྒྱ་གར་གྱི་སློབ་དཔོན་ཀ་མ་ཤཱི་ལས་བོད་དུ་མཛད་པའི་བསྟན་བཅོས་ཤིག ཡེ་ཤེས་སྡེའི་འགྱུར། འདིའི་ལོ་རྒྱུས་འདི་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། སློབ་དཔོན་ཀ་མ་ལ་ཤཱི་ལར་ཆོས་ཐམས་ཅད་ཐོས་བསམ་གྱིས་བདག་མེད་པར་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ལགས་པ་ཅིག་ཡི་གེར་བཀོད་པ་ཞུས་པས། སྒོམ་རིམ་དང་པོ་བརྩམས་ནས་བཙན་པོ་ལ་གནང་། བཙན་པོས་གཟིགས་པས་ཐུགས་དགྱེས་ཏེ། དེའི་དོན་སྟན་ཐོག་གཅིག་ཏུ་བསྒོམས་ན་ཇི་ལྟར་བསྒོམ་ཞེས་ཞུས་པས། སྒོམ་རིམ་བར་པ་བརྩམས་ཏེ་ཕུལ། དེ་ལྟར་བསྒོམས་པས་དེ་ལ་འབྲས་བུ་ཇི་ལྟ་བུ་ཡོད་ཅེས་ཞུས་པས། སྒོམ་རིམ་ཐ་མ་བརྩམས་ཤིང་། དེའི་ཞར་ལ་ཧ་ཅང་གི་ལྟ་བ་སུན་ཕྱུང་སྟེ་གནང་བས་རྒྱལ་པོ་ཤིན་ཏུ་དགྱེས་སོ། །དེའི་དོན་འགྲེལ་དུ་སློབ་དཔོན་ཞི་བ་འཚོའི་དགོངས་པ་ལ་རྩོད་པ་འབྱུང་གིས་དོགས་པས། དེའི་དོན་དུ་ལུང་རིགས་ཀྱི་ལམ་ནས་དབུ་མ་སྣང་བ་བརྩམས་ནས་གནང་ངོ་། །ཞེས་སྦ་བཞེད་ཞབས་བཏགས་མ་ལས་འབྱུང་བ་ལ་སྣོན་འཕྲི་ཅུང་ཟད་ཀྱིས་བཀོད་དོ། །འདི་སྐོར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༩༧ནའང་གསལ་ལོ། །