From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྱིད་ལུག་པའི་ལེ་ལོ
|
Tibetan Definition
|
ལེ་ལོ་གསུམ་གྱི་ཡ་གྱལ་ཞིག་སྟེ། སེམས་ཞུམ་ནས་དགེ་སྦྱོར་རམ་བྱ་བ་ལ་མི་བརྩོན་པ་ལ་ཟེར། ཡང་ན་ལུས་སེམས་ཐང་ནས་བྱ་བ་ལ་འཇུག་མི་འདོད་པ་ལ་ཟེར། དཔེར་ན་འདི་འདྲ་སུས་བྱེད་ནུས་ཞེས་སེམས་ཞུམ་ནས་དགེ་སྦྱོར་ལ་མི་བརྩོན་པ་ལྟ་བུའོ། །རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༦༢བ༣ལས། སྒྱིད་ལུག་པ་ནི་བྱ་བ་རྣམས་ལ་སྒྲིམ་པ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །སྒྱིད་ལུག་པའི་ལེ་ལོ་དང་། བདག་ཉིད་ལ་བརྙས་པའི་ལེ་ལོ་གཉིས་ཀྱི་ཁྱད་པར་ནི། སྒྱིད་ལུག་པའི་ལེ་ལོ་ནི་ཁོ་བོ་ལྟ་ཅི་སྨོས་གཞན་སུས་ཀྱང་མི་ནུས་སོ་སྙམ་པའི་སེམས་ཞུམ་པ་ཡིན་ལ། བདག་ཉིད་ལ་བརྙས་པའི་ལེ་ལོ་ནི་གཞན་གྱིས་ནུས་ཀྱང་ཁོ་བོས་མི་ནུས་སོ་སྙམ་པའི་ལེ་ལོའོ། །
|