12217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་གཅན
Tibetan Definition <ར་ཧུཿ> མགོ་མ་གཏོགས་ལུས་གཞན་མེད་པའི་ལྷ་མ་ཡིན་ཞིག འདིའི་ལོ་རྒྱུས་ནི། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་ལས། དེ་ཡང་འདི་ལྟར་ཐོས་ཏེ། ཇི་ཙམ་ན་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། ཇི་སྲིད་ཅིག་ན་བདུད་རྩི་བྱུང་བར་གྱུར་པ་དང་། ལྷ་མ་ཡིན་སྒྲ་གཅན་གྱིས་ཕྲོགས་ནས་སྤྱོད་པར་རྩོམ་པ་ན། ཁྱབ་འཇུག་གིས་བསམས་པ། གལ་ཏེ་འདིས་བདུད་རྩི་འཐུངས་པར་གྱུར་ན་ལྷ་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པར་འགྱུར་རོ་སྙམ་ནས། འཁོར་ལོས་མགོ་བཅད་པ་དང་། དེས་དེ་བོར་བ་ན་ལྷ་རྣམས་ཀྱིས་ཡང་བླངས་སོ། །སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར༌དུ་བདུད་རྩིའི་ཆས་ཁྱབ་པར་གྱུར་པ་དང་། དེས་དེའི་འོག་གི་ཆའི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེ་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུའོ། །གནས་སྐབས་དེ་ནས་བརྩམས་ཏེ། ས་གསུམ་སྣང་བར་བྱེད་པའི་ཉི་མ་དང་། ཟླ་བ་འཛིན་པར་བྱེད་པ་ཡིན་ནོ། །ཞེས་གསུངས།