From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་གཅན་གྱི་མགོ་དང་མཆིག་གུའི་ལུས
|
Tibetan Definition
|
སྒྲས་ཐ་དད་དུ་བརྗོད་པ་ཙམ་ལས་དོན་ལ་ཐ་དད་དུ་མེད་པའི་དཔེ་ཞིག འདིའི་དོགས་གཅོད་རྒྱས་པར་གཟིགས་འདོད་ན། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། སྒྲ་གཅན་གྱི་མགོ་དང་། མཆིག་གུའི་ལུས་བྱ་བ་ནི། ཁྱབ་འཇུག་གི་འཁོར་ལོས་སྒྲ་གཅན་དུམ་བུ་གཉིས་སུ་བཅད་པའི་མགོ་ནི་རཧུ་སྟེ་སྒྲ་གཅན་དང་། ལུས་ནི་ཀེ་ཏུ་བྱ་བ་རྒྱལ་མཚན་གྱི་མིང་ངམ་དུ་བ་མཇུག་རིང་ལ་གྲགས་མོད། འདི་མཆིག་གུར་བསྒྱུར་བར་སེམས། རང་རེས་སྒྲ་གཅན་གྱི་མགོ་བྱ་བའི་རྒྱན་འདི་འདྲ་བྱེད་པ་རྒྱ་གར་དུ་ཡང་སྒོ་རྒྱན་སོགས་ལ་འདུག་ཅིང་། དེ་ལ་མགོ་ (འདིར་སྒྲ་གཅན་གྱི་མགོའི་དཔེ་རིས་འཇུག་དགོས) ལས་གཞན་ལག་པ་ནི་མི་སྣང་ཞིང་། མིང་ལ་ད་དུང་རཧུ་ཙནྡྲ་སྟེ་སྒྲ་གཅན་ཟླ་བ་ཞེས་གྲགས་ཏེ་ཁ་ནང་གི་དེ་ཡང་ཟླ་བ་ཡིན་པས་ཕྱིས་རང་རེས་ནོར་བུའི་གཟུགས་སུ་བསྒྱུར་འདུག དེས་ན་སྒྲ་གཅན་གྱི་གཟུགས་ནི་མགོ་ཙམ་ལས་མེད་ཅིང་། ཀེ་ཏུ་ཡང་ལུས་ལས་ལོགས་སུ་མེད་པས་དེ་གཉིས་ཐ་དད་མེད་པའི་དཔེར་སྦྱོར་བ་ཡིན། འོན་ཀྱང་ཀེ་ཏུའི་སྒྲ་མཆིག་གུ་ལ་བསྒྱུར་བས་གཏུན་བུ་སོགས་ཀྱི་མིང་དང་། རང་འཐག་གི་ཆས་རྣམས་ལ་ཀེ་ཏུ་ཞེས་གྲགས་མོད། ཞིབ་ཏུ་དྲིས་ཀྱང་རྩད་མ་ཆོད། དེས་ན་དུ་བ་མཇུག་རིང་ལ་སྔོན་གྱི་བོད་སྐད་དུ་མཆིག་གུར་འབོད་པ་འདྲ་ཨེ་ཡིན་སྙམ་སྟེ། འདིའི་དབྱིབས་གཟུགས་ཀྱང་མཆིག་གུའམ་རྒྱ་གར་བའི་འབྲས་གཏུན་བུ་དང་ཤིན་ཏུ་འདྲ། ཞེས་གསུངས་སོ། །
|