12219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་གཅན་འཛིན
Tibetan Definition <རཱ་ཧུལ> 1 སྲས་སྒྲ་གཅན་འཛིན་ཞེས་བྱ་བ་སྟོན་པ་ཤཱཀྱ་ཐུབ་པའི་སྲས་དེའི་མིང་ངོ་། །སྒྲ་གཅན་འཛིན་ཞེས་བཏགས་པའི་རྒྱུ་མཚན་ནི་འཁྲུངས་པའི་ཚེ་ཟླ་བ་གཟས་འཛིན་པས་དེ་སྐད་ཅེས་བྱའོ། །འདུལ་བ་ལུང་གཞི་༼ ང་པ ༽ན་གསལ་ཞིང་། དེབ་སྔོན་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ནའང་གསལ་ལོ། ། 2 བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་སྐུ་ཚེའི་སྨད་དུ་གྲུབ་པ་ཐོབ་ནས་གྲུབ་ཆེན་ས་ར་ཧ་ཞེས་གྲགས་པ་དེའི་མིང་ཡིན་པར། བུ་སྟོན་རིན་པོ་དང་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ལོ། །