From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་དག་གསལ་གསུམ
|
Tibetan Definition
|
ཁ་རྒྱུན་ལ་སྒྲ་དག་གསལ་ཞེས་རླུང་ལྟར་གྲགས་མོད་གྲངས་འདྲེན་དུས་གཉིས་མ་གཏོགས་མི་ཐོན་པས་གསུམ་པོ་དེ་དག་གང་ཞེ་ན། ཁོ་བོ་ལྟར་ན། སྒྲ་དག་པ། གསལ་བ། བྱང་བ་དང་གསུམ་ཡིན་པར་སེམས་ཏེ། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་དུ་ཀཱུ་ལའི་གོས་བཟང་ལས། ཤོག་བུ་མདའ་ཚད་དགུ་བརྒྱ་སྐོར་དག་གསལ་བྱང་གསུམ་འཛོམ་པའི་རྒྱུགས་སྤྲད་པར་བསྟན་པའི་མིག་རྐྱེན་གོང་འཕེལ་ལ་བསམས། ཞེས་གསུངས་པ་ལྟར་རོ། །འོ་ན་སྒྲ་དག་གསལ་གསུམ་ཞེས་བརྗོད་མི་རིགས་ཏེ། ཚིག་ཟིན་ལ་སྒྲ་དག་པ་དང་གསལ་བ་གཉིས་ལས་མི་ཐོན་པའི་ཕྱིར་ཞེ་ན། འོ་ན་མགོན་ཆོས་ (མགོན་པོ། ཆོས་རྒྱལ། ལྷ་མོ། རྣམ་སྲས་དང་བཞི) བཞི་ཞེས་བརྗོད་མི་རིགས་པར་ཐལ། མགོན་ཆོས་གཉིས་མ་གཏོགས་ཚིག་ཟིན་ལ་མི་ཐོན་པའི་ཕྱིར། རིགས་པ་མཚུངས་སོ་སྙམ་མོ། །
|