From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ
|
Tibetan Definition
|
རྟོག་པ། སྒྲ་བཤད་ནི། སྒྲ་སྤྱི་དང་དོན་སྤྱི་གང་རུང་སྣང་ཡུལ་དུ་བྱས་ནས་འཛིན་པའི་བློ་ཡིན་པས་དེ་སྐད་ཅེས་བྱའོ། །སྡེ་བདུན་ཡིད་ཀྱི་མུན་སེལ་ལས་གསུངས། རྒྱལ་དབང་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལས། འོ་ན་སྒྲ་དོན་འདྲེས་པར་འཛིན་པའི་ཚད་གང་། རུང་བ་སྨོས་པའི་དོན་ཅི་ཡིན་ཞེ་ན། ཆོས་དེའི་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་རྟོག་པ་དེའི་ཡུལ་དུ་བྱེད་པར་ནུས་པ་དེའི་ཚེ་སྒྲ་དོན་འདྲེས་པར་འཛིན་པ་ཞེས་བྱ་ལ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པས་སྒྲ་སྤྱི་དང་དོན་སྤྱི་གང་རུང་ཡུལ་དུ་བྱེད་ཀྱང་གཉིས་ཀ་ཚོགས་པ་ཡུལ་དུ་མི་བྱེད་པས། སྒྲ་དོན་འདྲེས་རུང་འཛིན་པ་ཡིན་གྱི་སྒྲ་དོན་འདྲེས་པར་འཛིན་པ་ནི་མིན་ནོ། །དེས་ན་འདྲེས་རུང་འཛིན་པ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་བསྡུ་བར་བྱ་བའི་ཕྱིར་རོ། །འོན་ཀྱང་བརྡ་ལ་བྱང་བའི་རྟོག་པ་ཡིན་ན་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་སྣང་ཡུལ་དུ་བྱེད་པས་མ་ཁྱབ་སྟེ། བདག་མེད་ལ་མྱོང་བ་ཐོན་པའི་སྐྱེས་བུས་སྒྲ་སྤྱི་ལ་མ་ལྟོས་པར་བདག་མེད་ཀྱི་དོན་སྤྱི་སྣང་ཡུལ་དུ་བྱེད་པ་ཡོད་པའི་ཕྱིར། ཞེས་གསུངས་སོ། །
|