12239

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་སོགས
Tibetan Definition ཞལ་རྒྱུན་དུ། སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། ཞེས་འབྱུང་ངོ་། །ཆོས་འབྱུང་མཁས་པའི་དགའ་སྟོན་༡༥༠༩ནའང་དེ་བཞིན་དུ་འབྱུང་ངོ་། །ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་གླེགས་བམ་གཉིས་པ་༢༢༨བ༥ལས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། རྩིས་ཤེས་ན་གྲངས་ཀྱི་གནས་ལ་མི་རྨོངས། ཞེས་གསལ་ལོ། །