From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲུབ་པའི་མཆོད་པ
|
Tibetan Definition
|
ཆོས་ཉམས་ལེན་ཚུལ་བཞིན་བྱས་ནས་བླ་མ་ཐུགས་མཉེས་པར་བྱེད་པ་ལ་ཟེར། རྗེ་མིད་ལས། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །ཞེས་དང༌། སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྒྲུབ་པ་ནི་ལམ་དང་། མཆོད་པ་ནི་མཉེས་པར་བྱེད་པའི་དོན་ཡིན་པས། ལམ་ཉམས་ལེན་ཚུལ་བཞིན་དུ་བྱས་ནས་བླ་མ་ཐུགས་མཉེས་པར་བྱས་པས་ན་དེ་སྐད་ཅེས་བྱའོ། ། 2 ཡང་ན། བླ་མའི་བཀའ་བཞིན་དུ་སྒྲུབ་པ་ལ། སྒྲུབ་པའི་མཆོད་པ་ཟེར།
|