12284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོན་བསྐལ
Tibetan Definition སྒྲོན་མེའི་བསྐལ་པ་སྟེ་སངས་རྒྱས་འཇིག་རྟེན་དུ་འབྱོན་དུས་ཀྱི་བསྐལ་པ་ལ་ཟེར། སྒྲོན་བསྐལ་ལ། སྒྲོན་བསྐལ་བསྐལ་པ་བཟང་པོ། སྒྲོན་བསྐལ་སྙན་པ་ཆེན་པོ། བསྐལ་པ་སྐར་མ་ལྟ་བུ། སྒྲོན་བསྐལ་ཡོན་ཏན་བཀོད་པ་བཅས་སོ། །དེ་ཡང་སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ། གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་མདོ་རྣམས་ལས་སངས་རྒྱས་སྟོང་འབྱོན་ཚུལ་གསུངས་ལ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་སངས་རྒྱས་སྟོང་དང་ལྔ་འབྱོན་པར་གསུངས་སོ། །སྒྲོན་བསྐལ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི། བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་བརྒྱད་ཁྲི། སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་མདོ་སྡེ་བསྐལ་བཟང་ལས་བཤད་དོ། །