From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲོབ
|
Tibetan Definition
|
<ཨཱ་ཊོ་པཿ> 1 བརྗིད་ཉམས་དང་། བསྒྱིངས་ཉམས། སྤམ་རྫུ་བྱས་པ་བཅས་ཀྱི་དོན་ལ་འཇུག་གོ། འདི་ལེགས་སྦྱར་གྱི་आटोपः “ཨཱ་ཊོ་པཿ” ཟུར་ཆག་པར། ལི་ཤིའི་གུར་ཁང་དུ་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། འགྱིང་ཉམས། དྲེགས་པའི་རྣམ་འགྱུར། མི་དེ་ཕོ་སྒྲོབ་ཆེ་བས་རང་མཉམ་སུ་དང་ཡང་མཐུན་པོ་མི་འདུག ཅེས་གསལ། 2 ལྷ་རྩེ་བའི་སྐད་དུ་ལད་ཟློས་བྱེད་པ་དང་འཕྱ་སྨོད་བྱེད་པ་ལ་ཟེར། ཁོ་རེ་མི་རྒན་པ་ལ་ཆེ་སྒྲོབ་ (བརྗོད་པའི་ཚེ་ཆེ་སྒྲོམ་ཞེས་པ་ལྟ་བུར་བརྗོད) མ་བྱེད་ཅེས་པ་ལྟ་བུ།
|