12293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོལ་མ་ཉེར་གཅིག་གི་བསྟོད་པ
Tibetan Definition སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་༼ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ ༽ཞེས་བྱ་བ་འདི་དང་། དེའི་ཕན་ཡོན་༼ ལྷ་མོ་ལ་གུས་མ ༽གཉིས་པོ་འདི། སངས་རྒྱས་ཉིད་ཀྱིས་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་མཛད་པའི་རྒྱུད་ཀྱི་གཞུང་ཚིག་ཡིན། འདི་རྒྱུད་འབུམ་༼ ཅ ༽པ་༤༢བ༣ན་བཞུགས་ཤིང་། མཇུག་བྱང་དུ། བཅོམ་ལྡན་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་གསུངས་པ་རྫོགས་སོ། །ཞེས་གསུངས་སོ། །རྗེ་དགེ་འདུན་གྲུབ་ཀྱི་སྒྲོལ་མའི་ཊཱིཀ་ལས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བའི་རྒྱུད་ལེའུ་སུམ་ཅུ་རྩ་ལྔ་ཡོད་པའི་ལེའུ་གསུམ་པ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་འདི་གསུངས་སོ། །ཞེས་གསུངས།