12297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོལ་མའི་ཊཱི་ཀ
Tibetan Definition ༡ སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽ཤོག་གྲངས་༡ནས་༦བར་བཞུགས་སོ། །༢ རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽ཤོག་གྲངས་༦ན་ནས་༦བ་བར་བཞུགས་སོ། །༣ ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༦ནས་༡༠བར་བཞུགས་སོ། །འདིའི་ནང་སྒྲོལ་མ་ཉེར་གཅིག་སོ་སོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་གསུངས་ཡོད། ༤ བཅོམ་ལྡན་འདས་མ་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས། རྗེ་བཙུན་ལྷ་མོ་མཆོག་ཉིད་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༢༦བ་ནས་༣༤ཡིག་ཕྲེང་༥བར་བཞུགས་སོ། །སློབ་དཔོན་ཉི་མ་སྦས་པས་མཛད་པའི་སྒྲོལ་མའི་བསྟོད་པ་ཉེར་གཅིག་པའི་སྒྲུབ་ཐབས་མི་འདྲ་གོང་འོག་གཉིས་ཀ་ཡང་ཕལ་ཆེར་འདྲ་བ་ལ། འོག་མས་རྒྱས་པར་བཤད་ཡོད་དོ། །༥ ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྻ་གུཔྟའམ་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༣༥ན་ནས་༣༨བ་བར་བཞུགས་སོ། །༦ རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་སྒྲོལ་ཊཱིཀ་རིན་ཆེན་ཕྲེང་བ་སྒྲོན་ལྗང་སྒྲུབ་ཐབས་དང་བཅས་པ་ཞིག ༧ རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད། ༨ ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྒྲོལ་མའི་ཊཱི་ཀ། ༩ ཇོ་ནང་ཏཱ་ར་ནཱ་ཐའི་སྒྲོལ་མའི་ཊཱི་ཀ། (འདི་ཏཱ་ར་ནཱ་ཐའི་གསུང་འབུམ་པོད་༼ ན ༽པར་བཞུགས) ༡༠ དངུལ་ཆུ་དྷརྨ་བྷ་དྲའི་སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤལའི་ཆུན་པོ། ༡༡ སི་ཏུ་པདྨ་ཉིན་བྱེད་ཀྱིས་མཛད་པས་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་ཞེས་བྱ་བ།