12302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོས
Tibetan Definition 3 རྨ་རྗེས། རྨ་ཤུལ། དཔེར་ན་རྨ་སྒྲོས་ཟེར་བ་ལྟ་བུ། དགེ་སློང་མ་ཨུཏྤལའི་མདོག་གི་བྱུང་བ་བརྗོད་པའི་སྐབས་ཀྱི་ལུང་རྣམ་འབྱེད་༼ ཉ ༽༢༡༨བ ༢ལས། ཨུཏྤལའི་མདོག་གིས་བུ་མོ་དེའི་སྐྲ་བྱ་བར་བརྩམས་པ་དང་། མགོ་ལ་སྒྲོས་ཡོད་པ་མཐོང་ངོ་། །མཐོང་ནས་ཀྱང་དྲིས་པ་བུ་མོ་འདི་ཅི་ཉེས། དེས་སྨྲས་པ། བདག་གིས་ཀྱང་མ་འཚལ་ཏེ། བདག་གི་ཕྱི་མོའི་མཆིད་ནས་ཁྱོད་ཀྱི་མ་ཕ་ལ་ཁྲོས་པས་ཁྱོད་འཕངས་པས་སྒོའི་ཐེམ་པར་ལྟུང་སྟེ། དེར་སྒྲོས་འདི་བྱུང་ངོ་ཞེས་མཆིའོ། །ཞེས་གསུངས་པ་ལྟར་རོ། །