12304

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔ་བ
Tibetan Definition 1 སྔ་ཤོས། ཐོག་མ། དང་པོ། གདོད་མ། གཟོད་མ་བཅས་ཀྱི་དོན། དཔེར་ན་བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་པ་ལྟ་བུ་དང་། ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་པ་ལྟ་བུ། ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་༡༥༡༥ལས་ཀྱང་། (གསོ་བ་རིག་པ) མི་ཡུལ་དུ་དར་ཚུལ་ལ། སྔོན་བཅུད་ཆགས་ནས་རིང་པོ་མ་ལོན་པ་ན་ཤེད་བུ་ཞིག་ས་ཞག་མ་ཞུ་བར་ན་སྟེ་སྨྲེ་ངག་འདོན་པ་ན་ཚངས་པས་འོངས་ཏེ་ཆུ་སྐོལ་བཏང་བས་ཞི་སྟེ་ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །