From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྔགས་ཀྱི་ཐིག་ལེ
|
Tibetan Definition
|
རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་མི་ཤིགས་པའི་ཐིག་ལེ་རྣམ་པ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའམ། སྙིང་གའི་སྔགས་འཁོར་ལ་ཟེར། རྗེ་ཙོང་ཁ་པ་ཆེན་པོས་གསང་འདུས་སྨོན་ལམ་ལས། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཅེས་སྙིང་གའི་སྔགས་ཐིག་ལ་ཐིག་ལེའི་རྒྱལ་པོ་ཞེས་པའི་རྒྱུ་མཚན་ནི། འདི་ལ་གནད་དུ་བསྣུན་པ་ལས་འོད་གསལ་འཆར་སླ་ཞིང་། གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་འོད་གསལ་ལྷན་སྐྱེས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བ་འཆར་བའི་རྒྱུ་མཚན་གྱིས་ཡིན་པར་མཁས་པ་དག་གསུང་ངོ་། །
|