12316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་པ
Tibetan Definition 1 བཤེས་གཉེན་རིང་དུ་བསྟེན་པ། གཞུང་ལུགས་གདམས་པར་ཤར་བ། རྣམ་དཔྱོད་དང་ལྡན་པ། ཐོས་དོན་ཉམས་སུ་ལེན་པ། རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་མ་རྨོངས་པའི་སྒོ་ནས་གསང་སྔགས་ཉམས་སུ་ལེན་པ་ཞིག་ལ་སྔགས་པ་ཟེར་ཏེ། རྗེའི་སྔགས་རིམ་ཆེན་མོ་ལས། བཤེས་གཉེན་དམ་པ་རིང་དུ་བསྟེན་པ་ཡིས། །ཕྱོགས་རེས་མ་ཚིམས་གཞུང་ལུགས་གདམས་པར་ཤར། །ལུང་དོན་རིགས་པ་ཕྲ་མོས་འབྱེད་ནུས་ཤིང་། །ཐོས་པའི་དོན་ལ་བསྒྲུབ་པ་སྙིང་པོར་བྱེད།། སྨིན་བྱེད་དབང་དང་གྲོལ་བྱེད་ལམ་དང་ནི། །བསྒྲུབས་པའི་འབྲས་བུ་ཀུན་ལ་མ་རྨོགས་པས། །རྡོ་རྗེ་ཐེག་པའི་ལམ་གྱིས་བགྲོད་བྱེད་པ། །དེ་ལ་མཁས་རྣམས་གསང་སྔགས་པ་ཞེས་སྨྲ། །ཞེས་གསུངས་པ་ལྟར་རོ། །