12319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་བླ་མེད་ཀྱི་ཟབ་ལམ་རྣམས་སྣོད་མིན་ལ་བཤད་མི་རུང་བའི་ཚུལ
Tibetan Definition སྔགས་བླ་མེད་ཀྱི་ཟབ་ཆོས་རྣམས་སློབ་མ་སྣོད་དུ་མི་རུང་བ་ལ་བཤད་ན་ཉེས་པ་ཅི་ཡོད་ཅེ་ན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༦ན༢ལས། སྔགས་བླ་མེད་ཀྱི་ལམ་ཟབ་མོ་སློབ་མ་སྣོད་དུ་མི་རུང་བ་ལ་བཤད་ན། སློབ་མ་འདི་ཕྱིར་ཕུང་པ་དང་། སློབ་དཔོན་རང་གི་རྒྱུད་ལ་ལམ་སྐྱེ་བ་དང་དངོས་གྲུབ་འགྲུབ་པ་ཆེས་རིང་དུ་འགྱུར་བར་གསུངས་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་ཏུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་སོ། །ཞེས་གསུངས་སོ། །