12320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་བླ་མེད་ཀྱི་ཡོ་བྱད་བཅུ་གཉིས
Tibetan Definition སྔགས་བླ་མེད་ཀྱི་རྣལ་འབྱོར་པ་རྣམས་ལ་དགོས་པའི་ཡོ་བྱད་བཅུ་གཉིས་ནི། ༡ རྡོ་རྗེ་དང་དྲིལ་བུ། ༢ ཅང་ཏེའུ། ༣ ཐོད་པ། ༤ ཁ་ཊྭཾ་ག ༥ རུས་རྒྱན། ༦ རིན་པོ་ཆེའི་རྒྱན་བརྒྱད། ༧ གཙུག་ཏོར་པྲོག་ཞུ། ༨ དགང་བླུག ༩ བུམ་པ། ༡༠ ཕྲེང་བ། ༡༡ རོ་གདན་དང་སྟག་ལྤགས་ཤམ་ཐབས། ༡༢ སྟོད་གཡོག་སྨད་གཡོག་བཅས་སོ། །འདི་དག་འབྱོར་ན་རབ་དང་། མ་འབྱོར་ན་བྲིས་པ་ཚུན་ཆད་ཀྱིས་དམ་ཚིག་གི་རྫས་སུ་བཅང་དགོས་པར་གསུངས་སོ། །