12323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་ལ་ཞུགས་པ་དང་སྔགས་ལམ་ལ་ཞུགས་པའི་ཁྱད་པར
Tibetan Definition མཚན་ཉིད་དང་ལྡན་པའི་སློབ་དཔོན་ལས། སྨིན་བྱེད་ཀྱི་དབང་བསྐུར་ནམ་ཐོབ་པ་ན་སྔགས་ལ་ཞུགས་པ་ཞེས་བྱ་ལ། ངེས་འབྱུང་གི་བསམ་པ་བཅོས་མིན་སྐྱེས་ཚེ་ལམ་དུ་ཞུགས་པར་འཇོག་པ་ལྟར། སངས་རྒྱས་ཀྱི་སའི་གནས་ལུས་ལོངས་སྤྱོད་མཛད་པ་བཞི་དང་རྣམ་པ་མཐུན་པའི་འབྲས་བུ་ལམ་བྱེད་ཀྱི་ལྷའི་རྣལ་འབྱོར་ལ་བཅོས་མིན་གྱི་མྱོང་བ་ཐོག་མར་སྐྱེས་ཚེ། སྔགས་ལམ་ལ་ཞུགས་པ་ཞེས་བྱའོ། །