12330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔགས་སྐྱེས
Tibetan Definition ལམ་ཐུན་མོང་བའི་རྒྱུད་སྦྱངས་ནས་བླ་མེད་ཀྱི་དབང་བཞི་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལ་གནས་པ། བསྐྱེད་རིམ་གྱི་རྟོགས་པའི་སྣེ་ཟིན་པའི་གསང་སྔགས་ཀྱི་རྣལ་འབྱོར་མའམ་ཕྱག་རྒྱ་མའོ། །དེའི་ཡོན་ཏན་ནི། མཛེས་ཤིང་ཡིད་དུ་འོང་བ། རོ་སྨད་རྒྱས་ཤིང་འདོམ་སྟུག་པ། ནུ་འབུར་རྒྱས་ཤིང་ནུ་བར་དོག་པ། ལུས་ལས་དྲི་བཟང་པོ་འཕྲོ་བ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་བུད་མེད་དོ། །འདོད་དོན་མྱུར་དུ་སྒྲུབ་པའི་མི་ལ་ཕོ་ཉའི་བང་ཆེན་ཞེས་པ་ལྟར། འདིས་ཀྱང་ལྷན་སྐྱེས་ཀྱི་བདེ་སྟོང་མྱུར་དུ་བསྐྱེད་པའི་ཕྱིར་ཕོ་ཉ་ཞེས་ཀྱང་བྱའོ། །