12341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོ་བསངས
Tibetan Definition <ཤྱཱ་མ> 1 དཀར་ཤས་ཆེ་བའི་སྔོན་པོ། དཔེར་ན་ནམ་མཁའི་མདོག་ལྟ་བུ་ལ་ཟེར་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཤྱཱ་མ་ཞེས་པ་ལྗང་ཁུ་དང་། སྔོ་བསངས་གཉིས་ལ་འཇུག་ཀྱང་ནམ་མཁའ་ལྟར་སྔོ་བསངས་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། ། 2 (བརྡ་རྙིང) ནག་པོ། མཚན་མོ། ཞེས་བསྟན་དར་ལྷ་རམས་པ་སོགས་མཁས་པ་མང་པོ་གསུང་།  3 སྔོ་བསངས་ནི་བྱིས་པ་ཆུང་ངུའི་ལུས་ཀྱི་མདོག་འདྲ་བའི་སྨུག་སེང་ངེ་བ་ལ་བྱེད། གླང་པོ་ཆེའི་མདོག་ཀྱང་དེ་ཡིན་པས་སྔོ་བསངས་ཏམལ་ཡི་འོད་སོགས་བཤད། ཅེས་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་བཤད།