12344

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་གནས་རྗེས་དྲན་གྱི་མངོན་ཤེས
Tibetan Definition (ཕར་ཕྱིན) མངོན་ཤེས་དྲུག་གི་བཞི་པ་ནི། མངོན་ཤེས་དྲུག་གི་ནང་ཚན་གང་ཞིག རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་རིགས་སུ་གནས་པ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། སྔར་བཞིན། སྔོན་གནས་རྗེས་དྲན་ཙམ་ལ་དབྱེ་ན་སྔར་བཞིན་གསུམ་ལས། དང་པོ་ནི། ལྷ་འདྲེ་ཕལ་ཆེར་ལྟ་བུ། གཉིས་པ་ནི་དམྱལ་བ་པ་ལྟ་བུ།། གསུམ་པ་ནི། སྐབས་འདིར་བསྟན་གྱི་མངོན་ཤེས་ལྟ་བུ།