12349

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་གྱི་མཐའ་ལ་མཁས་པ
Tibetan Definition རང་གཞན་གྱི་སྔོན་གྱི་ཚེ་རབས་དུ་མ་སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་ནུས་པ་ལ་ཟེར། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཐོག་མེད་འཁོར་བར་ཡོངས་སུ་འདྲིས་བགྱིས་པའི། །རང་གཞན་ཚེ་རབས་དན་རྟགས་དང་བཅས་པར། །སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པས་ན། །ཁྱོད་ནི་སྔོན་གྱི་མཐའ་ལ་མཁས་པ་ལགས། །ཞེས་གསུངས་པ་ལྟར་རོ། །དཔེ་འགར་དྲན་རྟགས་ཞེས་འབྱུང་ཡང་། དན་རྟགས་དག་པར་གསུངས་སོ། །དན་རྟགས་ཞེས་པའི་ཐད་དུ་གཟིགས།