12356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་འགྲོ་ཁྲིད་ཆེན་བཞི
Tibetan Definition སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། མཎྜལ་གྱི་ཁྲིད། བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞི་ལ་ཟེར་ཏེ། རྗེ་གུང་ཐང་པའི་མཎྜལ་གྱི་ཁྲིད་ཡིག་དཔག་བསམ་སྙེ་མ་ལས། བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་ཀྱི་ཁྲིད། སྡིག་པ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། ཚོགས་གསོག་པ་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཞི་ལ་སྔོན་འགྲོ་ཁྲིད་ཆེན་བཞིའམ། སྔོན་འགྲོ་འབྲེལ་བ་ཅན་བཞིར་གྲགས། ཞེས་གསུངས་སོ། །