12387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་གར་དང་པོར་འཆགས་པའི་རྩ་བརྒྱད
Tibetan Definition (གསང་སྔགས) རོ་རྐྱང་དབུ་མ་གསུམ། སུམ་སྐོར་མ། འདོད་ལྡན་མ། ཁྱིམ་མ། གཏུམ་མོ། བདུད་བྲལ་མ་སྟེ་བརྒྱད་དོ། །ཞིབ་པར་བཤད་ན། མངལ་དུ་དང་པོར་རྩ་འཆགས་པའི་ཚེ་སྙིང་གར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ། རིམ་པ་ལྟར་སུམ་སྐོར་མ་དང༌། འདོད་ལྡན་མ་གཉིས་ལྔ་དུས་མཉམ་དུ་འཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ་དང༌། བྱང་དུ་གཏུམ་མོ། དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་འཆགས་སོ། །དེ་རྣམས་ནི་སྙིང་གར་དང་པོར་འཆགས་པའི་རྩ་བརྒྱད་དོ། །