1241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཁམས་གནས་རིས་བཅུ་བདུན
Tibetan Definition ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ། འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་གནས་གསུམ། དགེ་ཆུང༌། ཚད་མེད་དགེ དགེ་རྒྱས་ཏེ་བསམ་གཏན་གསུམ་པའི་གནས་གསུམ། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་བསམ་གཏན་བཞི་པའི་གནས་བརྒྱད་དེ་བཅུ་བདུན་ནོ། །དགེ་ལུགས་པས་གཟུགས་ཁམས་གནས་རིས་བཅུ་བདུན་དང༌། དུས་འཁོར་དང༌། བཀའ་རྙིང་གི་གཞུང་དུ་གཟུགས་ཁམས་གནས་རིས་བཅུ་དྲུག་གི་ཐ་སྙད་མཛད།