12425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམ་ལས
Tibetan Definition (ཕར་ཕྱིན) ལེ་ལོ་སྤྱིའམ། ཡང་ན་བྱེ་བྲག་བྱ་བ་ངན་ཞེན་གྱི་ལེ་ལོའི་མིང་། བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་༨༠ན༦ལས་ཀྱང་། སྙོམ་ལས་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཏེ། ལེ་ལོ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་༩༨ན༡ལས། སྙོམ་ལས་ནི་ངན་ལ་ཞེན་པ་སྟེ། སྙོམ་ལས་མེད་པ་ནི་བརྩོན་འགྲུས་སོ། །ཞེས་དང་། རྒྱ་གར་གྱི་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་༼ ཧི་པ ༽༢༠༤བ༥ལས། སྙོམ་ལས་ནི་བྱེད་པར་མི་འདོད་པས་ལུས་དང་སེམས་སྙོམ་པའོ། །ཞེས་གསུངས། སྒྲ་བཤད་ནི། བསྒྲུབ་རྒྱུའི་བྱ་བའམ་ལས་རྣམས་མི་སྒྲུབ་པར་བཏང་སྙོམས་སམ་སྣང་མེད་དུ་བཞག་པས་ན་དེ་སྐད་ཅེས་བྱའོ། །འདི་ལ་སྒྲ་བཤད་བྱེད་སྐབས་ཚིག་སྔ་ཕྱི་གོ་ལྡོག་སྟེ་བྱེད་དགོས། སྙོམ་ལས་དང་སྙོམས་ལས་ཞེས་འབྲི་བ་གཉིས་ཀ་དག་པ་ཡིན་ནོ། །རྗེའི་བྱང་ཆུབ་གཞུང་ལམ་དང་། ལམ་རིམ་ཆེན་མོ་ཞོལ་སྤར་མ་དང་། བཀྲ་ཤིས་ལྷུན་པ་སྤར་མ་གཉིས་སུ་སྙོམ་ལས་ཞེས་སྣང་ལ། སྐུ་འབུམ་སྤར་མར་སྙོམས་ལས་ཞེས་སྣང་ངོ་། །