12428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་པར་འཇུག་པ
Tibetan Definition (ཕར་ཕྱིན) 1 བྱིང་རྒོད་དང་བྲལ་བའི་སྒོ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པ། མཉམ་པར་བཞག་པ་དང་དོན་འདྲ། སྒྲ་བཤད་ནི། བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་ནས་སེམས་སྙོམས་པའམ་ཆ་མཉམ་པར་འཇུག་པས་ན་དེ་སྐད་ཅེས་བྱ། བསྒོམ་རིམ་དང་པོ་དང་། རྗེའི་ལམ་རིམ་ཆེན་མོར་གཞི་བྱས། དཔེ་དང་སྦྱར་ནས་བཤད་ན། སྲང་མདའ་མཐོ་དམའ་མེད་པར་དབུས་ན་དྲང་པོར་གནས་པ་ལ་མཉམ་པར་གནས་ཞེས་པ་ལྟར། སེམས་བྱིང་རྒོད་ཀྱི་མཐའ་གང་དུའང་མི་གནས་པར་དབུས་ན་དྲང་པོར་གནས་པ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །སྒྲ་སྦྱོར་བམ་གཉིས་༡༤༦བ༢ལས། སམཱ་པཏིྟ་ཞེས་བྱ་བ་སེམས་དང་སེམས་ལས་བྱུང་བའི་ཚོགས་དམིགས་པ་གཅིག་ལ་འདུ་ཞིང་གཉིས་མཉམ་པར་བྱེད་པའི་མིང་སྟེ་སྙོམས་པར་འཇུག་པ་ཞེས་བྱ། ཞེས་ཅུང་ཟད་མི་འདྲ་བ་བཤད་དོ། །2 འཁྲིག་པ། ལྷ་ཡབ་ཡུམ་སྙོམས་པར་འཇུག་ལྟ་བུ། སྒྲ་བཤད་ནི། ཕོ་མོའི་དབང་པོ་གཉིས་སྙོམས་པར་ཏེ་མཉམ་དུ་འཇུག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །