12436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཚང་ལོ་ཙཱ་བ
Tibetan Definition ཁོང་གིས་རྗེ་ཙོང་ཁ་པའི་ལྟ་བ་ལ་མི་འཐད་པའི་རྩོད་ཡིག་འགལ་བའི་ཁུར་ཆེན་བཅོ་བརྒྱདཅེས་པ་བརྩམས། དགེ་ལྡན་པའི་ཕྱོགས་ཀྱི་མཁས་གྲུབ་མང་པོས་ཁོང་ལ་རྩོད་ལན་ཡང་མང་པོ་ཞིག་བྲིས་ཡོད། འོན་ཀྱང་རྒྱལ་མཆོག་ལྔ་པ་ཆེན་པོས་ནི་ཁོང་ལ་ཆེ་བསྟོད་ཆེན་པོ་མཛད་པ་ཀུན་གཟིགས་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ནང་གསལ་བ་འདི་ལྟར། དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་༡༥ལས། “རྣམ་པ་གཅིག་ཏུ་ན་གྲགས་པ་དོན་ལྡན་གྱི་པཎྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བའི་རྣམ་ཐར་དུ”ཞེས་འབྱུང་བ་ལྟར་རོ། །གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༧༧ལས། “ཀུན་གཟིགས་ལྔ་པ་ཆེན་པོས་འཁྲུལ་བྲལ་མཁས་པའི་ཡང་རྩེར་བསྔགས་པ་སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་སུ”ཞེས་རྒྱལ་མཆོག་ལྔ་པ་ཆེན་པོར་ཕྲན་བུའི་མ་རངས་པའི་ཟུར་ཟའི་རྣམ་འགྱུར་ཡང་མཛད་འདུག