1244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་བརྙན་མ་ལུས་འཆང་བ་པོ
Tibetan Definition དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཅིག་ཅར་གདུལ་བྱའི་སྐྱེ་བོ་དྲི་མ་མེད་པའི་ཆུ་ལྟ་བུའི་རྒྱུད་ལ་གཟུགས་བརྙན་འཆར་བ་སོ་སོར་སྣང་བར་མཛད་པས་ན་དེ་སྐད་ཅེས་བྱའོ། །