From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྟང་ཟིལ
|
| Tibetan Definition
|
སྨན་བྱེད་ཆོག་པའི་རྡོ་རིགས་ནག་པོ་ཞིག་གི་མིང༌། བསྟན་དར་ལྷ་རམས་པས། སྟང་ཟིལ་ནི་རྡོ་ནག་པོ་བཅག་ན་ཕག་ཟེ་གཤིབས་པ་འདྲ་བ་དེ་ཡིན་བཤའ་རྡོ་དང་བཤའ་ཚེ་ཟེར་བ་ཡང་མཆིས། ཞེས་གསུངས། ཡང༌། དག་ཡིག་གསར་བསྒྲིགས་ལས། རྡོ་བུང་བ་སྟེ་ཁ་དོག་ནག་པོ་བཅག་ན་བཅག་མཚམས་སུ་འོད་འཚེར་བ་ཞིག་ཡིན་ཞིང༌། དེ་ལ་སྟོང་ཚེ་རོག་པོ་ཡང་ཟེར། ཡང་དངུལ་རྡོའི་མིང་ཞེས་གསུངས། འགའ་ཞིག་གིས་དེ་ལ་དཀར་པོ་དང་སེར་པོ་ནག་པོའི་རིགས་གསུམ་ཡོད་པར་བཤད་ཀྱང་ནག་པོ་གྲགས་ཆེའོ། །
|